གླེང་མོལ་ལེ་ཚན། 1 : དམངས་གཙོ་དང་སྤྱི་ཚོགས་མཐའ་གཉིས་སུ་གྱེས་པའི་དཀའ་ངལ།

བསྟན་རྡོར་དང་རིག་འབྱུང་དོན་གྲུབ་བཀྲ་ཤིས་ཀྱིས་བགྲོ་གླེང་བྱས་ཡོད།

Episode 1 : Democracy and Polarization

Rekjong Dhondup Tashi, Tendor

By ཇ་ཁང་ / 2021-03-18 00:00:00 +0000 / 01:03:00

ང་ཚོའི་ཇ་ཁང་གི་གླེང་མོལ་ལེ་ཚན་དང་པོའི་ནང་དུ། ད་ལྟ་འཛམ་གླིང་སྟེང་གི་དམངས་གཙོའི་རྒྱལ་ཁབ་ཁག་ཏུ་སྤྱི་ཚོགས་ཀྱི་འགལ་ཟླ་སྣ་ཚོགས་བྱུང་བཞིན་པའི་རྒྱབ་ལྗོངས་ཀྱི་གནས་ཚུལ་དང་འབྲེལ་ནས། ད་ལྟའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་དམངས་གཙོའི་ལམ་ལུགས་ཁྲོད་དུའང་དྲ་རྒྱའི་བརྒྱུད་ལམ་སོགས་ཀྱི་ཤུགས་རྐྱེན་འོག་སྤྱི་ཚོགས་མཐའ་གཉིས་སུ་གྱེས་བཞིན་པའི་སྣང་ཚུལ་བྱུང་བཞིན་པ་དང་། དཀའ་ངལ་འདི་སེལ་བར་ཐབས་ལམ་ཅི་ཞིག་ལ་བསྟེན་དགོས་པ་དང་། མང་གཙོའི་ལམ་ལུགས་སྲ་བརྟན་ཐུབ་པར་རྒྱུ་རྐྱེན་གང་དག་ཚང་དགོས་མིན་ཐད་བགྲོ་གླེང་བྱེད་རྒྱུ་ཡིན།

In this episode, we discuss the reasons behind why democracies everywhere seem to be struggling today. We investigate the factors undermining Tibetan exile democracy, including the role of social media’s echo chambers in fueling the ongoing polarization of the Tibetan exile polity, and discuss the elements that can contribute to democratic resilience.

Survey Link: Survey 1